བློ་དཀན་མཆོག་གསུམ།
བློ་དཀན་མཆོག་གསུམ་མར་གཏདན།།
ལས་འབྲས་བསླུ་བ་མི་སྲིད།།
ཡི་ཤེས་པའི་མདའ།།
རྐྱབ་སར་མི་མཐོང་ཕོག་སར་ག་སར་མཐོང་།།
སྟོབས་ལྷ་དང་མཉམ་རུང་།།
མཛདཔ་མི་དང་བལྷུན་དགོ།།
ཚ་དྲགན་ལྕགས་ཡང་བཞུ།།
བསིལ་དྲགན་ཆུ་ཡང་རྡོག་མ་བཏགས།།
གནམ་ལས་གནམ་ལྕགས་མ་བུདན།།
ས་ལས་ས་ཆུ་མི་འཐུན།།
བྱང་ལས་སྐྱི་བསེར་མ་འཕུ་ན།།
ལྷོ་ཡི་ཙན་དན་གཡོ་དགོཔ་མེད།།
རྕེམོ་མཐོ་གང་གཅད་པ་ལུ།།
རྕཝ་འདོམ་གང་བསལ་དགོ།།
མངན་རྒྱལ་བའི་གསུང་ཡང་སྐྱོ།།
དྲགན་ཨའི་གི་ཨོམ་ཡང་དུག།།
Comments
Post a Comment